pastEvents
Sample Description


༄༅། །རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པའི་མི་ནི་སོ་ཊ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་ཡོངས་ཀྱི་སྙན་ལམ་དུ།
ཞུ་གསོལ་འདེབས་རྒྱུར། འདི་ཟླའི་ཕྱི་ཚེས་ ༦ རེས་གཟའ་ཉི་མའི་ཕྱི་དྲོ་ཚོུད་ ༥ ཐོག་ལ་རེས་གཟའ་སྤེན་པའི་ཉིན་ལ་གཟིགས་ཞིབ་བྱུང་བའི་ཀོ་རིན་ལྷ་ཁང་དེ་མ་འོངས་པ་བོད་རིགས་སྤྱི་མཐུན་ཚོགས་པའི་རིག་གཞུང་བསྟི་གནས་ཁང་ཞིག་འོས་མིན་གྱིས་ཚོགས་འདུ་དང་དེའི་སྐབས་གལ་སྲིད་སྤྱི་ཁང་གསར་པ་ཉོ་རྒྱུ་མང་མོས་ཐུགས་མཐུན་བྱུང་ན་དེ་ནས་དཔལ་འབྱོར་མཁོ་སྒྲུབ་གང་འདྲ་གནང་དགོས་མིན་གྱི་ལས་འཆར་དང་འབྲེལ་བའི་སྐོར་ཡང་གླེང་སློང་དང་བཀའ་བསྡུར་ལྷུག་པོ་ཞུ་རྒྱུ་ལགས་ན། ས་གནས་བོད་རིགས་ཡོད་དོ་ཅོག་གིས་གོ་སྐབས་དམ་འཛིན་གནང་ནས་ངེས་པར་དུ་ཚོགས་འདུ་ལ་དེ་ཉིན་ཚོགས་བཅར་ཡོང་བ་ཞུ་རྒྱུ་བཅས་དེ་དོན་དགོངས་འཇགས་ཞུ།
སྤྱི་མཐུན་ཚོགས་པས། ༢༠༡༧།༨།༢ ལ།།
༄༅། །གལ་ཆེའི་གསལ་བསྒྲགས།
ཚོགས་བརྡ། མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོཊ་པའི་ལོ་ཕྱེད་ལས་བསྡོམས་ཀྱི་ཚོགས་འདུ།
ཚོགས་དུས། ཕྱི་ལོ་༢༠༡༦ཕྱི་ཟླ་༡༢ ཚེས་༡༡ རེས་གཟའ་ཉི་མའི་ཕྱི་དྲོ་ཚོུད ༥།༣༠ ཐོག
ཚོགས་ཡུལ། སྤྱི་མཐུན་ཚོགས་པའི་ཚོགས་ཁང་ལུགས་གཉིས་ཕུན་ཚོཊ་ཁང་དུ།
འབྲེལ་གཏུཊ་བྱ་ཡུལ། རྒྱུན་ལས་སམ། སྤྱི་མཐུན་ཚོཊ་པའི་ཡིག་ཚང།
སྤྱི་མཐུན་ཚོཊ་པའི་ཡིག་ཚང་ནས། ཕྱི་ལོ་༢༠༡༦ ཕྱི་ཟླ་ ༡༢ ཚེས་ ༣ ལ།།
IMPORTANT ANNOUNCEMENT
WHAT:TAFM General Body Meeting
WHEN: December 11, 2016, Sunday @5:30pm
WHERE:TAFM, Raymond Ave, St. Paul, MN 55108
CONTACT:TAFM Board or Office @ 651-917-9556
=========================
༄༅། མཚུངས་མེད་མི་ནི་སོ་ཊ་བོད་རིགས་ཡོངས་ཀྱི་སྙན་ལམ་དུ།།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་དཔལ་འབྱོར་བཀའ་བློན་སྐུ་ངོ་ཀརྨ་ཡེ་ཤེས་མཆོག་ཟླ་༡༡པའི་ཚེས་༢༥རེས་གཟའ་པ་སངས་ནས་ཟླ་༡༡ ཚེས་༢༧རེས་གཟའ་ཉི་མ་བར། མི་ནི་སོ་ཊ་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ལ་ཕེབས་རྒྱུ་ཡིན་པ་དང། ཟླ་ ༡༡ པའི་ཚེས་༢༥ ཉིན་ཕྱི་དྲོའི་ཆུ་ཚོད་༥ དང་ཕྱེད་ཀ་ལ་སྐུ་ངོ་མཆོག་གིས་མི་མང་ལ་གསུང་བཤད་དང་དེ་རྗེས་དྲི་བ་དྲི་ལན་གནང་རྒྱུ་རེད། སྐབས་དེར་ཚོགས་འདུ་དང་དགོང་དྲོའི་ཞལ་ལག་བོད་ཟས་གཏོང་འཆར་ཡོད།
དེ་བཞིན་ཚེས་༢༦ དང་༢༧ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠ པ་ནས་ ༥ བར་གྱི་མི་མང་དོ་བདག་ལ་དྭང་བླངས་དཔྱ་ཁྲལ་ལག་དེབ་དང་འབྲེལ་བའི་དཀའ་ངལ་གང་ཡོད་སེལ་ཐབས་བྱ་རྒྱུ་རེད་འདུག་ན། མི་ནི་སོ་ཊའི་བོད་རིགས་ཡོད་དོ་ཅོག་གིས་རང་འགན་རང་འཁུར་ཐོག་ནས་དོ་སྐབས་དམ་འཛིན་དང་གནས་ཚུལ་འདི་ཡིག་ངག་གཉིས་ཀྱི་རྒྱུད་ནས་བོད་རིགས་ནང་ཁུལ་ལ་ཁྱབ་སྤེལ་གང་མང་བྱེད་རོགས་ཞུ་རྒྱུ་དང།
མི་མང་ཡོང་ནས་གསམ་འཁོད་ཁ་བྱང་ལ་ཕེབས་གནང་ཡོང་བ་ཞུ།། རེས་གཟའ་པ་སངས། བཀའ་བློན་མཆོག་ནས་ལམ་སྟོན་བཀའ་སློབ། རེས་གཟའ་སྤེན་པ། དྭང་བླངས་དཔྱ་ཁྲལ་ལག་དེབ་དང་འབྲེལ་བའི་དཀའ་ངལ་གང་ཡོད་སེལ་ཐབས་བྱ་རྒྱུ། རེས་གཟའ་ཉི་མ། དྭང་བླངས་དཔྱ་ཁྲལ་ལག་དེབ་དང་འབྲེལ་བའི་དཀའ་ངལ་གང་ཡོད་སེལ་ཐབས་བྱ་རྒྱུ།
=========================
ལྷ་བབས་དུས་ཆེན་གྱི་གསལ་བརྡ།
༄༅།།དད་དམ་ལྷག་བསམ་གྱིས་ཕྱུག་པའི་ས་གནས་སྤུན་ཟླ་ལྷན་རྒྱས་ཀྱི་སྙན་ལམ་དུ།
ཞུ་དོན་
སྐྱེ་འགྲོ་སྤྱི་དང་ཡང་སྒོས་ཁ་བ་གངས་ཅན་པའི་བདེ་དོན་སླད་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་རྩམ་ཟན་བོད་མིའི་མགོན་སྐྱབས་ཉག་ཅིག་པུ་གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་སྐུ་ཚེ་བསྐལ་པ་ཁྲི་ཁྲག་ནས་ཁྲི་ཁྲག་གི་བར་དུ་བརྟན་པར་བཞུགས་པ་སོགས་ཀྱི་ཆེད་བོད་རྒྱལ་ལོ་ ༢༡༤༣ བོད་ཟླ་ ༩ ཚེས་༢༢ ཕྱི་ལོ་༢༠༡༦ ཕྱི་ཟླ་༡༡ ཚེས་ ༢༠ རེས་བཟའ་ཉི་མར་ཕྱི་དྲོ་ཆུ་ཚོད་༥ ནས་༨ བར་ལྷ་བབས་དུས་ཆེན་སྲུང་བརྩི་དང་འབྲེལ་སྐྱབས་རྗེ་ཨ་བོང་རིན་པོ་ཆེ་དབུ་བཞུགས་ཀྱིས་དུས་ཆེན་ངོ་སྤྲོད་དང་སྦྲགས་ཚོགས་མཆོད་འབུལ་རྒྱུ། མ་ཟད་རང་གཞུང་ཆོས་རིག་ལས་ཁུངས་ཀྱི་བཀའ་དགོངས་བཞིན་དམིགས་བསལ་ཞབས་རིམ་འཕགས་བསྟོད་དང་། ཐུབ་པའི་མཚན་སྔགས། མ་ཎི། དུས་འཁོར་རྩ་སྔགས་སོགས་ཀྱང་གསོག་སྒྲུབ་ཞུ་རྒྱུ་ ལགས་ན་སེར་སྐྱ་གང་མང་མཉམ་ཞུགས་གནང་སྐྱོང་ཡོང་བ་ཞུ་རྒྱུ། དགོང་དྲོའི་གསོལ་ཚིགས་སྟབས་བདེ་ཞིག་ཀྱང་འབུལ་རྒྱུ་ཡིན་པས་ཐུགས་འཇགས་ཞུ། མཆོད་ཚོགས་དང་དགོང་མོའི་ཞལ་ལག་སོགས་ཀྱི་སྦྱིན་བདག་གནང་མཁན་ཡོད་ཚེ་ཆོས་ཕྱོགས་འགན་འཛིན་བསོད་ནམས་དབང་རྒྱལ་ལགས་སུ་ཞལ་པར་ཨང་གྲངས་ ༩༥༢༢༡༢༤༦༨༣ འབྲེལ་བ་གནང་རོགས
================
NOBEL PEACE PRIZE DAY CELEBRATION
WHAT: 26TH ANNIVERSARY OF THE CONFERMENT OF NOBEL PEACE PRIZE TO H.H. THE GREAT 14TH DALAI LAMA WHEN: DECEMBER 10, THURSDAY @5:30PM WHERE: TAFM, 1096 RAYMOND AVE, ST. PAUL, MN 55108 CONTACT: TAFM BOARD MEMBERS OR OFFICE @651-917-9556 (in Tibetan) Nobel-peace-prize-day-Notice
===============
SPIRITUAL COMMITTEE ANNOUNCEMENT
WHAT: ANNUAL TSECHU PRAYER OF TAFM WHEN: DECEMBER 19, SATURDAY 10AM–7PM DECEMBER 20, SUNDAY 10AM-6PM WHERE: TAFM, 1096 RAYMOND AVE, ST. PAUL, MN 55108 CONTACT: MR. NGAWANG CHIME, SPIRITUAL COMMITTEE CHAIR(in Tibetan) Tsechu-Notice
===============
Congresswoman to share Tibet trip experience with Tibetans in MN
Minnesota, November 28: Congress Woman Betty McCollum, who was part of the US congressional delegation which visited Tibet earlier this month has said she will share her story from the Tibet with the Tibetans in Minnesota in January. more
༄༅།། མི་ནི་སོ་ཊ་གནས་སྡོད་བོད་རིགས་ལྷན་རྒྱས་ལ་།།
མི་ནི་སོ་ཊ་བོད་མིའི་སྤྱི་མཐུན་ཚོགས་པའི་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་འདེབས་སྙན་སེང་ཞུས་དོན་ལྟར་༸སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་ནས་གཞོན་སྐྱེས་དང་སློབ་ཕྲུག་་ཚོར་ནང་ཆོས་ངོ་སྤྲོད་དང་བཀའ་སློབ་གཞན་ཡང་ས་གནས་མི་མང་ལ་ཚེ་དབང་ཚེ་སྒྲུབ་བཅས་གནང་གཏན་འཁེལ་བས་ས་གནས་མི་མང་གང་མང་་མཉམ་བཞུགས་ཡོང་བའི་གསལ་བསྒྲགས་སུ་། མི་ནི་སོ་ཊ་བོད་མིའི་སྤྱི་མཐུན་ཚོགས་པའི་ཡིག་ཚང་ནས་༢༠༡༤ ཟླ་༦ ཚེས་༡༨ ལ་ཕུལ་།།
༡༽ གཞོན་སྐྱེས་དང་སློབ་ཕྲུག་ཚོར་ནང་ཆོས་ངོ་སྤྲོད་དང་བཀའ་སློབ་།། ཚོགས་དུས་། ༢༠༡༤ ཟླ་༦ཚེས་༢༨ རེས་གཟའ་སྤེན་པ་། ཆུ་ཚོད་ཉིན་གུང་ ༡༢ ནས་ ༢ བར་། ཚོགས་ཡུལ་། ས་གནས་སྤྱི་ཁང་ལུགས་གཉིས་ཕུན་ཚོགས་ཁང་།
༢༽ ས་གནས་མི་མང་ལ་ཚེ་དབང་ཚེ་སྒྲུབ་དང་དམིགས་བསལ་བཀའ་སློབ་། ཚོགས་དུས་། ༠༡༤ ཟླ་༦ ཚེས་༢༨ རེས་གཟའ་སྤེན་པ་། ཆུ་ཚོད་དགོང་དྲོ་ ༥ ནས་ ༨ བར་།
ཚོགས་ཡུལ་། Richfield Sr.High school, 7001 Harriet Ave S, RichField
1)Introduction to Tibetan Buddhism for Tibetan students
When: June 28, 2014, Saturday 12:00 Noon to 2:00PM
Where: TAFM, 1096 Raymond Ave, St. Paul
2)Long Life initiation for Public
When: June 28, 2014, Saturday 5:00PM to 8:00PM
Where: RichField Sr. High school, 7001 Harriet Ave S, RichField
ཟུར་བརྗོད་ གོང་གསལ་མཛད་རིམ་དུ་འཛུལ་ཞུགས་རིན་མེད་(Free) ཡིན་ཡང་ཞལ་འདེབས་གནང་མཁན་ཡོད་ཚེ་གཤམ་གསལ་ཁ་པར་ཐོག་འབྲེལ་བ་ཡོང་བ་ཞུ། འབྲེལ་གཏུགས་གནང་ཡུལ་ཆོས་ཕྱོགས་འགན་འཛིན་བློ་དགའ་བཀྲིས་་། ཁ་པར་ཨང་། 612-600-2751
༄༅།། མི་ནི་སོ་ཊའི་བོད་རིགས་ལྷན་རྒྱས་ལ་།། ཆེད་ཞུ། ལམ་ཙམ་དགོངས་མངའ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཆར་ཟླའི་ཟླ་མཇུག་ནང་འདི་ཁུལ་མི་ནི་སོ་ཊ་ཆིབས་བསྒྱུར་དང་བསྟུན་༢༠༡༤ ཟླ་ ༣ ཚེས་ ༢་བོད་ཀྱི་ལོ་གསར་ཚེས་ ༡ གྱི་རྟེན་འབྲེལ་མཛད་སྒོའི་ཐོག་དབུ་བཞུགས་བསྐྱངས་རྒྱུའི་མཛད་འཆར་ལ་འགེག་དང་བར་ཆད་སོགས་མི་ཡོང་ཆེད་འདི་ག་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་༢༠༡༤ ཟླ་༢ ཚེས་ ༨ ཕྱེད་ཡོལ་ཆུད་ཚོད་ ༣ ཐོག་ཞབས་རྟེན་ཞིག་གོ་སྒྲིག་ཞུ་རྒྱུ་ལགས་ན་དེ་ཉིན་མི་མང་གང་མང་ཕེབས་གནང་ཡོང་བ་ཞུ་། སྤྱི་མཐུན་ཚོགས་པའི་ཡིག་ཚང་ནས་ ༢༠༡༤ ཟླ་ ༡ ཚེས་ ༢༠ ལ་ཕུལ་།།
ཟུར་བརྗོད་། དེ་ཉིན་དགོང་དྲོའི་གསོལ་ཚིགས་དང་གསོལ་ཇ་སོགས་སྦྱིན་བདག་གནང་མཁན་ཡོད་ཚེ་ཆོས་ཕྱོགས་འགན་འཛིན་རྒྱུན་ལས་བློ་དགའ་བཀྲིས་ལགས་སུ་འབྲེལ་བ་གནང་རོགས་། ཞལ་པར་ཨང་༦༡༢-༦༠༠-༢༧༥
