བོད་རིགས་མང་ཚོགས་ནས་ཁྱེད་རང་གིས་ང་ཚོའི་དམིགས་ཡུལ་དང་འགྲོ་བཞིན་པའི་ལས་གཞི་ཁག་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ། ཁྱེད་རང་གི་རྒྱབ་སྐྱོར་ནི་དགོས་མཁོ་ཆེ་བའི་ང་ཚོའི་རིག་གཞུང་དང་སྤྱི་ཚོགས་ཀྱི་ལས་གཞི་མང་པོ་ཞིག་རྒྱུན་ཆད་མེད་པར་སྤེལ་ཐུབ་པར་གལ་ཆེན་ཆགས་ཡོད། ང་ཚོ་ཚོགས་པ་ནི་ཁྲིམས་མཐུན་དེབ་སྐྱེལ་བྱས་པའི་ཁེ་མེད་ཚོགས་པ་ཞིག་ཡིན་པ་དང་། ང་ཚོར་རོགས་དངུལ་གནང་བ་ཚང་མ་ཁྲིམས་མཐུན་ལྟར་ཁྱེད་རང་གི་ཡོང་འབབ་ཐོག་གི་དཔྱ་ཁྲལ་ནས་འཐེན་ཆོག་པ་རེད།
ཚོགས་ཁང་གསར་ཉོ་འཆར་གཞི།
མི་ནི་སི་ཊའི་ཊེ་ཝན་གྲོང་ཁྱེར་ཁུལ་དུ་བོད་མི་གནས་སྤོ་བྱེད་མཁན་དང་བོད་མིའི་མི་འབོར་མང་དུ་འགྲོ་བཞིན་པ་དང་བསྟུན། དེ་གའི་ཚོགས་པ་ནས་སྤྱི་ཁང་ས་ཁྱོན་ཆེ་བ་ཞིག་བསྐྲུན་ཐབས་བྱེད་བཞིན་ཡོད། སྔོན་རྩིས་འཆར་དངུལ་ཨ་སྒོར་ས་ཡ་༢.༣ འགྲོ་གྲོན་བཏང་ནས་ད་ལྟའི་ཆར་སྤྱི་ཁང་ཞིག་གསར་ཉོ་བྱ་རྩིས་ཡོད་ ཁང་བརྩེགས་དེ་ཧྥི་ཊི་གྲུ་བཞི་མ་༡༠༠༠༠(རླངས་འཁོར་༢༢༠ བཀག་འཇོག་གི་ས་ཁྱོན་ཡོད་པ་) ཡི་རྒྱ་ཁྱོན་སྣོན་མ་བྱས་ཏེ་གཤམ་གྱི་ཆ་རྐྱེན་ལྡན་པ་ཞིག་གཟིགས་རྩིས་ཡོད།
༡) བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་ཕྲུག་གྲངས་༢༥༠ བར་ལ་སློབ་ཁང་གི་ས་ཁྱོན་གདང་ངེས་ཤིག
༢) སློབ་ཕྲུག་ཚོར་དེང་དུས་བརྙན་ཆས་དང་འཕྲུལ་ཆས་ཁང་།
༣)གཞོན་སྐྱེས་ཚོའི་ཆེད་དུ་སིལ་སྤོལ་རྩེད་ཐང་།
༤) མཛད་སྒོའི་སྐབས་མི་མང་༡༠༠༠ ཤོང་བའི་ས་ཁྱོན།
དེ་དོན་བཞིན་ཚོགས་པའི་ལས་གཞི་མི་རེར་ཨ་སྒོར་༥༠༠ ཐམ་པ་བསྡུ་རུབ་བྱས་དང་བྱ་མུས་ཡིན་པའི་ལས་གཞི་འདི་ལ་རང་འགན་རང་ཁུར་གྱིས་འཛུལ་ཞུགས་གནང་རོགས་ཞེས་ཚོགས་པའི་ཚོགས་མི་ཡིན་པའི་འབད་བརྩོན་བྱེད་རོགས་ཞུ།
མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་དོན་རྣམས་བོད་མི་མང་དང་རྒྱབ་སྐྱོར་བ་རྣམས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་སྒྲུབ་ཀྱི་ཡོད།
ཁྱེད་རང་གི་ལོ་རེའི་ཚོགས་དངུལ་གྱིས་སྤྱི་ཚོགས་ཚོགས་པའི་ལས་གཞི་མང་པོ་ཞིག་དང་རིག་གཞུང་ཉར་ཚགས་ལ་རྒྱབ་སྐྱོར་བྱེད་ཐུབ་ཀྱི་ཡོད། ཚོགས་མིའི་ཚོགས་དངུལ་རྨང་གཞི་དེ་ནི་ལོ་རེར་ཨ་སྒོར་༣༦ ཡིན་པ་དང་། ཚོགས་མིའི་འགེང་ཤོག་ནང་འགྲེལ་བཤད་བརྒྱབ་ཡོད་པ་ལྟར་ཚོགས་མིར་ཡང་རིམ་པ་མི་འདྲ་བའི་ལམ་ལུགས་ཡོད།(ཚོགས་མིའི་འགེང་ཤོག)
ཕྱི་ལོ་༡༩༩༢ ལོར་མི་ནི་སོ་ཊ་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པ་འགོ་བཙུགས་པ་ནས་བཟུང་། ཚོགས་པའི་སྤྱི་ཁང་དང་ལས་གཞི་མང་པོ་གི་ཆེད་དུ་ཚོགས་མི་རྣམས་ཀྱི་ཚོགས་དངུལ་ཕུལ་བཞིན་པ་རེད། རྨང་གཞིའི་ཚོགས་དངུལ་རིན་འབབ་ཨ་སྒོར་༣༦ དེ་ནི་འགན་འཛིན་ལྷན་ཚོགས་ཀྱིས་ལོ་ཤསསྔོན་གཏན་འབེབས་བྱས། སྤྲོ་སྐྱིད་དང་མཛད་སྒོ། དེ་བཞིན་ཆོས་དང་རིག་གཞུང་གི་དུས་ཆེན་ཁག་ལ་སྤྱི་མཐུན་ཚོགས་པས་ཚོགས་མི་གསར་པ་ཐོ་འགོད་བྱེད་པའི་ལས་འགུལ་སྤེལ་གྱི་ཡོད་པས། ང་ཚོས་ད་ཡོད་ཚོགས་མི་རྣམས་ཀྱིས་རང་གི་སྤུན་མཆེད་དང་གྲོགས་པོ་རྣམས་ལ་ཚོགས་མི་བྱེད་པའི་སྐུལ་མ་གནང་རོགས་ཞུ་ཡི་ཡོད།
མི་ནི་སོ་ཊ་མངའ་སྡེའི་ནང་བོད་ཀྱི་ངོ་བོ་དང་རིག་གཞུང་གནས་པར་བོད་རིགས་སྤྱི་ཚོགས་པར་རྒྱབ་སྐྱོར་དང་ཚོགས་མི་རྣམས་མེད་དུ་མི་རུང་བ་ཆགས་ཀྱི་ཡོད།
ཚོགས་མིའི་རིམ་པ་དང་ཚོགས་དངུལ།
རྨང་གཞིའི་ཚོགས་མི། ཨ་སྒོར་༣༦།
རྒྱབ་སྐྱོར་བ། ཨ་སྒོར་༧༥།
སྦྱིན་བདག།ཨ་སྒོར་༡༥༠།
གཙོ་བཞུགས་སྦྱིན་བདག ཨ་སྒོར་༣༠༠།
ཁྱེད་ཅག་གིས་ཚོགས་མིའི་འགེང་ཤོག་དྲ་ཐག་དེ་ནས་ཕབ་ལེན་གྱིས་གློག་འཕྲིན་གཏོང་རོགས། ཁྱེད་རང་ལ་ཚོགས་དངུལ་དྲ་ཐོག་ནས་ཕུལ་བའི་འདམ་ག་ཡང་ཡོད།
ཁྱེད་ཀྱི་ཚོགས་མིའི་ཚོགས་དངུལ་གྱིས་གཤམ་གྱི་ལས་དོན་ལ་ཕན་ཐོགས་ཀྱི་ཡོད།
- སྤྱི་ཁང་གི་ཉིན་རེའི་ལས་དོན་དང་ལྟ་སྐྱོང་གི་འགྲོ་སོང་གཏོང་ཐོབ། དཔེར་ན་ཟླ་རེར་གློག་རིན་ལ་ཆ་སྙོམས་སུ་ཨ་སྒོར་༧༠༠ ཙམ་འབབ་ཀྱི་ཡོད།
- ལས་ཁུངས་ཀྱི་འགྲོ་སོང་སྟེ་ཡོ་ཆས་དང་ལས་བྱེད་གླ་ཆ།
- བོད་མི་རྣམས་ལ་གཏམ་བཤད་དང་བགྲོ་གླེང་བྱེད་མཁན་ཆོས་ལུགས་དགེ་རྒན་དང་བོད་མི་ཤེས་ཡོན་པ་དང་གནས་ཡོད་མི་སྣ་སོགས་གདན་དྲངས་པ།
- བོད་མིའི་སྤྱི་ཚོགས་ལ་ཕན་པའི་ཟབ་སྦྱོང་དང་ཚོགས་ཆེན་སོགས་གོ་སྒྲིག
ཚོགས་དངུལ་སྤྲོད་པའི་ཁེ་ཕན།
- འོས་བསྡུའི་ཐོབ་ཐང་། སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་ལ་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་འོས་འདེམས་བྱེད་པའི་ཐོབ་ཐང་ཡོད། འོས་ཤོག་འཕེན་པའི་ཚོགས་མི་རྣམས་ལ་ཚོགས་མིའི་ཚོགས་དངུལ་དང་དང་བླངས་དཔྱ་དངུལ་གཉིས་དུས་བསྟུན་གྱི་ཆ་ཚང་སྤྲད་པ་དགོས་ཀྱི་ཡོད།
- རང་གི་ཕྲུ་གུ་རྣམས་སྤྱི་མཐུན་ཚོགས་པའི་རིག་གཞུང་སློབ་གྲྭ་དང་ཟློས་གར་འཛིན་གྲྭར་སློབ་འཇུག་བྱེད་སྐབས། སློབ་ཡོན་ལ་གཅོག་ཆ་ཐོབ་ཀྱི་ཡོད།
- སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཐག་གཅོད་བྱས་པའི་མཛད་སྒོར་ནང་འཛུལ་གྱི་ཡོན་ལ་གཅོད་ཆ་ཐོབ་ཀྱི་ཡོད།
- སྤྱི་ཁང་དེ་སྒེར་གྱི་ཆེད་དུ་བེད་སྤྱོད་བྱེད་སྐབས་གཡར་གླ་གཅོག་ཆ་ཡོད། དེ་ཡང་ཚོགས་མི་རྣམས་ལ་ཨ་སྒོར་༦༠༠ དང་ཚོགས་མི་མིན་པ་རྣམས་ལ་ཨ་སྒོར་༧༥༠ རེད།
ཚོགས་དངུལ་སྤྲོད་སྟངས།
- ཁྱེད་རང་སྤྱི་མཐུན་ཚོགས་པའི་ལས་ཁུངས་སུ་བཅར་ནས་ཐོ་འགོད་བྱེད་ཆོག
- བོད་མི་དང་བོད་མིའི་རྒྱབ་སྐྱོར་བ་རྣམས་ང་ཚོའི་ལས་ཁུངས་སུ་རེས་གཟའ་ཟླ་བ་དང་ལྷག་པ། པ་སངས་དང་སྤེན་པ་བཅས་སུ་ལས་ཁུངས་ཀྱི་དུས་ཚོད་ལ་ག་དུས་ཕེབས་ན་དགའ་བསུ་ཡོད།
- ཊེ་ཝན་གྲོང་ཁྱེར་ཁུལ་དུ་གསར་དུ་གནས་སྤོ་བྱེད་མཁན་བོད་མི་རྣམས། ང་ཚོའི་ལས་ཁུངས་ཀྱི་འགན་འཛིན་དང་ལྷན་དུ་སྤྱི་ཁང་དུ་སྐོར་སྐྱོད་བྱེད་པར་ཕེབས་ན་དགའ་བསུ་ཡོད།
ཚོགས་མི་བོད་རྣམས་ཀྱི་འགན་འཛིན་ལྷན་ཚོགས་དང་ས་གནས་ཀྱི་འབྲེལ་མཐུད་པ་རྣམས་ལ་ཚོགས་མི་དང་དཔྱ་དངུལ། དེ་བཞིན་སྤྱི་མཐུན་ཚོགས་པ་དང་འབྲེལ་བ་གནད་དོན་ཐད་འབྲེལ་གཏུག་གནང་ཆོག
ང་ཚོས་དྲ་ཐོག་ནས་ཊེ་ཝན་གྲོང་ཁྱེར་ཁུལ་དུ་བོད་མི་དང་རྒྱབ་སྐྱོར་བ་རྣམས་ལ་འབྲེལ་བ་ཡོང་ཆེད་ལས་གཞི་འགོ་འཛུགས་བྱས་ཡོད། www.razoo.com/story/tafm བརྒྱུད་ཁྱེད་རང་གིས་ཚོགས་དངུལ་དང་ཞལ་འདེབས་གནང་ཆོག
སྤྱི་མཐུན་ཚོགས་པའི་ཚོགས་མིའི་ལས་དོན་འགན་འཛིན།
བསྟན་འཛིན་དྲང་སྲོང་། ཁ་པར་ཨང་གྲངས། ༦༡༢༧༢༠༦༥༣༦།
ལས་ཁུངས་འགན་འཛིན། ཁ་པར་ཨ་གྲངས། ༦༥༡༩༡༧༩༥༥༦། གློག་འཕྲིན། office@tafm.org

