༄༅། །བརྩེ་བའི་བོད་རིགས་སྤུན་ཟླ་རྣམས་ཀྱི་སྙན་ལམ་དུ་ཞུ་རྒྱུར།
གཤམ་དུ་སླེབས་དང་ཉེ་བའི་ལས་རིམ་ཁག་ཅིག་དང་གལ་ཆེའི་གསལ་བསྒྲགས་ཁག་ཅིག་ཡོད་པས། ཁྱེད་ཅག་ནས་དགོངས་འཇག་ཡོད་པ་ཞུ།
༡) ཟླ་༣ པའི་ཚེས་༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༤ པར་སྤྱི་ཁང་དུ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཆེད་ཀྱི་ཞབས་རིམ་གསོག་རྒྱུ། སྐབས་དེར་ཏྲེ་ཧོར་སྐྱིད་སྡུག་ནས་སྦྱིན་བདག་གནང་རྒྱུ་ཡིན་པ་རེད།།
༢) ཟླ་༣ པའི་ཚེས་༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༤ པར་སྤྱི་ཁང་དུ། ཆབ་སྲིད་བཙོན་ཟུར་ངག་དབང་བཟང་གྲོལ་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་སྐུ་ངོས་དཀུན་དགའ་བཀྲ་ཤིས་ལགས་གཉིས་ནས། བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་༦༠ པའི་ཐོག་གསུང་བཤད་གནང་རྒྱུ།།
༣) ཟླ་༣ པའི་ཚེས་༡༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠ པར། (Hennepin County Government Center at 300 South 6th Street, Minneapolis, MN)གྱི་མདུན་དུ་འཛོམས་ནས་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད། སྐབས་དེར་ཁྱེད་རྣམ་པས་བོད་ཀྱི་རྒྱལ་དར་རང་ངོས་ནས་འཁྱེར་ཡོང་རོགས་ཞུ་རྒྱུ་དང་། ང་ཚོས་འཕྲེད་དར་དང་སྦྱར་ཡིག་འགྲེམས་སྤེལ་བྱེད་རྒྱུ་ཡིན།། Facebook Event Page]
༤)ཟླ་༣ པའི་ཚེས་༢༤ ནས་༢༦ བར། རྒྱལ་ས་ཝ་ཤིན་ཀྲོན་དུ་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་རྒྱུ་ཡིན་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས། མི་མང་གང་མང་མཉམ་ཞུགས་ཡོང་བའི་རེ་སྐུལ་བྱེད་ཀྱི་ཡོད། གལ་ཏེ་ཁྱེད་ཅག་མཉམ་ཞུགས་བྱེད་འདོད་ཡོད་ཚེ། ང་ཚོར་འབྲེལ་བ་གནང་ནས་འདི་ནས་ https://act.savetibet.org/page/4422/subscribe/1 དེབ་སྐྱེལ་བྱེད་རོགས། འགྲུལ་བཞུད་དང་སྡོད་ཁང་སོགས་ཀྱི་འགྲོ་སོང་གི་འགན་དོ་བདག་སོ་སོའི་ཁུར་དགོས་པ་ཡིན། །
༥) བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར།
གལ་ཏེ་ཁྱེད་རང་ལ་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་ལག་སོན་བྱུང་མེད་ཚེ། འདི་ག་ལས་ཁུངས་སུ་འབྲེལ་གཏུག་ཞུ་རོགས། གལ་ཏེ་ཁྱེད་རང་ལ་འགེངས་ཤོག་ལག་སོན་བྱུང་ནས་འདི་ག་ལས་ཁུངས་སམ་དང་བླངས་པ་ཚོར་ཕྱིར་སྤྲོད་གནང་མ་ཚེ། གང་མགྱོགས་གནང་རོགས་ཞུ་ཡི་ཡོད།།
