མི་འབོར་ཞིབ་བཤེར།
བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་ཡར་ཕུལ་བའི་དུས་བཀག་ཚེས་གྲངས་དེ་ཟླ་༤ པའི་ཚེས་༢༤ བར་དུས་འགྱངས་བྱས་ཡོད་པས། མི་ནི་སོ་ཊ་དེ་ཉིད་བོད་རིགས་མང་ཤོས་ཀྱི་མངའ་སྡེ་ཞིག་ཡིན་ཡང་། གནས་སྡོད་བོད་མི་བརྒྱ་ཆ་༧༥ ཡིས་ཀྱང་མཉམ་ཞུགས་བྱས་མི་འདུག་པས། གལ་ཏེ་ཁྱེད་རྣམས་ཡོང་འབབ་དང་སྨན་བཅོས་སོགས་ཀྱི་སྐོར་གྱི་གནས་ཚུལ་འགེངས་ཤོག་ནང་བཀང་བར་བདེ་པོ་མེད་ཚེ། དེ་རིགས་སྟོང་པ་བཞག་ན་འགྲིག་གི་ཡོད། དེ་བཞིན་རྒྱུན་ལས་རྣམས་ཀྱིས་ཟླ་༣ པའི་ཚེས་༣༠། ཟླ་༤ པའི་ཚེས་༦། ཟླ་༤ པའི་ཚེས་༡༣། ཟླ་༤ པའི་ཚེས་༢༠ བཅས་རེས་གཟའ་སྤེན་པ་དེ་དག་ཉིན་སྔ་དྲོའི་ཆུ་ཚོད་༩ ནས་ཉིན་གུང་ཆུ་ཚོད་༡ པོ་བར། འདི་གའི་ལས་ཁུངས་སུ་འགེངས་ཤོག་བཀང་རོགས་གནང་རྒྱུ་ཡིན་པས། དུས་ཚོད་དེ་དག་རིང་ཁྱེད་ཅག་ལ་དང་བླངས་དཔྱ་ཁྲལ་ལག་དེབ་ཡོད་ན་དེབ་འཁྱེར་ནས་ཕེབས་རོགས་ཞུ། གློག་འཕྲིན་འདི་དང་མཉམ་དུ་དབྱིན་ཡིག་དང་བོད་ཡིག་གི་འགེངས་ཤོག་ཟུར་སྦྱར་བྱས་ཡོད་པས། ཁྱེད་རྣམ་པས་ཁྱིམ་ཚང་གི་འགེངས་ཤོག་གཅིག་དང་། ཁྱིམ་མི་རེ་རེར་འགེངས་ཤོག་རེ་བཀང་ནས་ཡིག་ཚང་དུ་ཕུལ་བའམ། དོ་བདག་ཡིག་ཚང་དུ་གོང་གསལ་གྱི་དུས་ཚོད་ལ་ཕེབས་ན་རྒྱུན་ལས་ཚོས་རོགས་རམ་གནང་རྒྱུ་ཡིན་པ་རེད།།
བརྟན་བཞུགས་ཀྱི་ཞབས་འདེབས།
༄༅། ། མི་ནི་སོ་ཊའི་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ་ཞུ་རྒྱུར།
བོད་མིའི་སྒྲིག་འཛུགས་ཀྱིས་གསལ་བསྒྲགས་གནང་གསལ་བཞིན།ཟླ་༥ པའི་ཚེས་༡༧ ཉིན་གནས་ཆུང་ཆོས་རྒྱལ་གྱི་བཀའ་ལུང་བཞིན།
བོད་མིའི་སྒྲིག་འཛུགས་ཀྱིས་འགན་ཁུར་ནས་གཞིས་བྱེས་བོད་མི་ལྷ་མི་ཡོངས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་རྒྱུ་ལགས་ན།བོད་མི་རྣམས་ལ་བརྟན་བཞུགས་དེའི་ཆེད་ཞལ་འདེབས་ཕུལ་ན་དགའ་བསུ་ཡོད་འདུག་པས། ཁྱེད་རྣམ་པས་ཞལ་འདེབས་ཕུལ་ཆེད་འདི་གའི་ཡིག་ཚང་ཕེབས་གནང་ཡོད་བའི་རེ་སྐུལ་ཞུ་རྒྱུ་དང་།
ཟླ་༤ པའི་ཚེས་༢༤ ཉིན་དེ་བརྟན་བཞུགས་ཆེད་ཞལ་འདེབས་བསྡུ་རུབ་ཞུ་རྒྱུའི་ཉིན་མཐའ་མ་ཡིན་པས་དགོངས་འཇག་ཡོང་བ་ཞུ།
ཞབས་རིམ་གྲངས་ཐོ།
བོད་མིའི་སྒྲིག་འཛུགས་ཆོས་རིགས་ལས་ཁུངས་ནས་བཀའ་ཁྱབ་གནང་བ་ལྟར། ༧གོང་ས་མཆོག་གི་སྐུ་ཕྱཱ་དང་བོད་ཀྱི་བསྟན་སྲིད་ཀྱི་ཆེད་དུ་ཞབས་རིམ་གསོག་སྒྲུབ་དགོས་པའི་གྲངས་ཐོ་རྣམས་འདི་གར་ཟུར་སྦྱར་ཞུས་ཡོད་པས། རྣམ་པ་ཚོས་སྒེར་ནས་ཞབས་རིམ་འདི་དག་གསོག་སྒྲུབ་ཀྱིས། གྲངས་ཐོ་རྣམས་འདི་ག་ལས་ཁུངས་སུ་ཟླ་༥ པའི་ཚེས་༡ ཉིན་གོང་ལ་ཕུལ་གནང་ཡོང་བ་ཞུ།།
ལོ་འཁོར་ལས་བསྡོམས་དང་འོས་བསྡུ།
གསལ་འདེབས་ཞུ་རྒྱུར། ཕྱི་ཟླ་༥ ཚེས་ ༢༥ རེས་གཟའ་སྤེན་པའི་ཕྱི་དྲོ་ཆུ་ཚོད་ ༤ པ་ནས་འདི་ལོའི་སྤྱི་མཐུན་ཚོགས་པའི་ལོ་འཁོར་ལས་བསྡོམས་ཀྱི་ཚོགས་འདུ་དང་འབྲེལ། རྒྱུན་ལས་འོས་བསྡུ་བྱེད་རྒྱུ་ལགས་ན་ཚོགས་མི་གང་མང་ངེས་ཕེབས་ཡོང་བ་དང་།སྐབས་དེར་ཚོགས་མི་རྣམས་ཀྱིས་ངེས་པར་དུ་༢༠༡༩ ལོའི་ཚོགས་དངུལ་འབུལ་ཟིན་པ་གནང་སྟེ་ཚོགས་མིའི་ལག་དེབ་མཉམ་ཁྱེར་གནང་རོགས་ཞུ་རྒྱུ་དང་།དེ་བཞིན་ཉིན་དེར་ཚོགས་མི་གསར་དུ་གནང་འཐུས་ཆོག་པས་ཐུགས་སྣང་ཆེན་པོའི་རང་འཁྲིའི་ལས་འགན་ཁུར་དུ་བཞེས་ཏེ། གོ་སྐབས་གལ་ཆེན་འདི་ཉིད་ཚང་མས་མཉམ་དུ་ལོངས་སུ་སྤྱོད་པའི་རེ་བ་བྱེད་བཞིན་ཡོད།
སྤྱི་མཐུན་ཚོགས་པའི་ཡིག་ཚང་ནས། ༢༠༡༩། ༣། ༢༧ ལ།།
༼ ཚོགས་བཅར་བ་རྣམས་ལ་གསོལ་ཇ་དང་བཞེས་ཏོག་འདེགས་འབུལ་ཞུ་རྒྱུ་ཡིན་པས་ནང་མི་ལྷན་འཛོམས་ཕེབས་པར་དགའ་བསུ་ཞུ་༽
