ལྷ་བབས་དུས་ཆེན་གྱི་གསལ་བརྡ།

༄༅།         །དད་དམ་ལྷག་བསམ་གྱིས་ཕྱུག་པའི་ས་གནས་སྤུན་ཟླ་ལྷན་རྒྱས་ཀྱི་སྙན་ལམ་དུ།

 

སྐྱེ་འགྲོ་སྤྱི་དང་ཡང་སྒོས་ཁ་བ་གངས་ཅན་པའི་བདེ་དོན་སླད་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་རྩམ་ཟན་བོད་མིའི་མགོན་སྐྱབས་ཉག་གཅིག་པུ་༸གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་གི་དབུས་རིས་སུ་མ་མཆིས་པའི་བསྟན་འཛིན་སྐྱེས་ཆེན་རྣམ་པ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང། ཕན་བདེ་མ་ལུས་པའི་འབྱུང་གནས་༸རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་རིང་གནས་ལ་ཕྱོགས་བཅུར་རྒྱས་པ། ལྷག་པར་དུ་༸སྐུའི་དགུང་ཀེག་གི་བར་ཆད་བཟློག་སླད་དང་བོད་མིའི་སྤྱི་མཐུས་བསོད་ནམས་གསོག་སྤེལ་སླད། བླ་ལྷའི་བཀའ་ལུང་དགོངས་དོན། གཞུང་འབྲེལ་ཞབས་རིམ་ཟུར་སྒྲུབ་གནང་རྒྱུའི་ཐོག འདི་ལོའི་ཆོས་འཁོར་དུས་ཆེན་ནས་དབུ་འཛུགས་ཀྱིས་འཆར་ལོའི་ལྷ་བབས་དུས་ཆེན་བར་༸རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་སྒྲོག་གང་མང་དམིགས་བསལ་གནད་སྨིན་གསོག་འདོན་གནང་དགོས་པའི་ཆོས་རིག་ལས་ཁུངས་ནས་བཀའ་ཡིག་བཞིན་སྤྱི་མཐུན་ཚོགས་པའི་ཆོས་ཕྱོགས་ནས་ལྷ་བབས་དུས་ཆེན་གྱི་དུས་ཆེན་ཁྱད་པར་ཅན་འདི་དང་བསྟུན་ནས་སྔ་དྲོ་ཕྱ་ཚོད་༩་པ་ནས་ཉིན་གུང་ཕྱག་ཚོད་༡ བར་དུ་༸རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་སྒྲོག་གང་མང་ཞུ་རྒྱུ་དང་ཉིན་རྒྱབ་ལྷ་བབས་དུས་ཆེན་སྲུང་བརྩི་དང་འབྲེལ་རིས་མེད་ས་གནས་ཀྱི་ཆོས་ཚོགས་ཁག་གི་དགེ་འདུན་པ་རྣམ་པས་ཚོགས་མཆོད་འབུལ་རྒྱུ་ལགས་ན་སེར་སྐྱ་གང་མང་མཉམ་ཞུགས་གནང་སྐྱོང་ཡོང་བ་ཞུ་རྒྱུ།

ཉིན་གུང་གསོལ་ཚིགས་དང་དགོང་མོའི་གསོལ་ཚིགས་། མཆོད་ཚོགས་བཅས་ཀྱི་སྦྱིན་བདག་གནང་མཁན་ཡོད་ཚེ་ཆོས་ཕྱོགས་འགན་འཛིན་རྡོ་རྗེ་ཚེ་རྒྱལ་ལགས་ལ་འབྲེལ་བ་གནང་རོགས།

 

ཁ་པར་ཨང་།    ༧༦༣ ༩༥༤ ༠༧༧༢

 

ལས་ཁུངས་དང་རྒྱུན་ལས་གང་རུང་ལ་འབྲེལ་བ་བྱེད་རོགས་།    ༦༥༡ ༩༡༧  ༩༥༥༦