བོད་ཀྱི་ཟློས་གར།

བོད་ཀྱི་ཟློས་གར་འཛིན་གྲྭའི་དམིགས་ཡུལ་གཙོ་བོ་ནི་ང་ཚོའི་གཞོན་སྐྱེས་ཚོར་བོད་ཀྱི་གཞས་དང་ཞབས་བྲོའི་སྒྱུ་སྩལ་སློབ་ཆེད་ཡིན། བོད་གཞས་དང་ཞབས་བྲོ་ནི་སྒྱུ་སྩལ་གྱི་རྣམ་འགྱུར་ཞིག་ཡིན་པ་མ་ཟད། བོད་མིའི་འཚོ་བ་དང་ལོ་རྒྱུས་མཚོན་གྱི་ཡོད། མི་ནི་སོ་ཊའི་ནང་བོད་ཕྲུག་ཚོར་བོད་ཀྱི་ཟློས་གར་ནི་བོད་མིའི་རིག་གཞུང་ལ་གོ་རྟོགས་ཡོང་བའི་བརྒྱུད་ལམ་ཞིག་ཆགས་ཡོད། ད་ལྟའི་ཆར་གཟའ་མཇུག་གི་ཟློས་གར་འཛིན་གྲྭར་ལོ་ན་༧ ནས་༡༨ བར་གྱི་སློབ་ཕྲུག་སྡེ་ཚན་མི་འདྲ་བ་ལྔ་ཡོད་པ་དང་། ང་ཚོས་དངོས་སུ་དོ་སྣང་བྱུང་བ་ཞིག་ལ་རིག་གཞུང་འཁྲབ་སྟོན་ནང་མཉམ་ཞུགས་བྱེད་མཁན་སློབ་ཕྲུག་ཚོས་ཡིག་རྒྱུགས་ནང་གྲུབ་འབྲས་ཡར་རྒྱས་ཕྱིན་ནས། སློབ་ཐོན་བྱུང་བར་རམ་འདེགས་བྱེད་ཀྱི་འདུག

བོད་ཀྱི་རིག་གཞུང་འཁྲབ་སྟོན་ནི་སྤྱི་མཐུན་ཚོགས་པའི་བྱེད་སྒོ་གཙོ་བོ་ཞིག་ཆགས་ནས། འདས་པའི་ལོ་ཟླའི་ནང་ཕྱི་ལོ་དགུ་བཅུ་གོ་གྲངས་ནས་སློབ་ཕྲུག་༣༠ ཙམ་ཡོད་པ་ནས་ད་ལྟའི་ཆར་རྒྱུན་གཏན་སློབ་ཕྲུག་༡༠༠ ལྷག་ཆགས་ཡོད། ཁོ་ཚོས་གཟའ་མཇུག་རྟག་ཏུ་བསྟི་གནས་ཁང་དུ་བོད་ཀྱི་གཞས་དང་ཞབས་བྲོ། རོལ་ཆ་སོགས་སྦྱོང་གི་ཡོད།

 

ང་ཚོའི་སློབ་ཕྲུག་ཚོའི་བོད་ཀྱི་རིག་གཞུང་འཁྲབ་སྟོན་ལ་དགའ་མོས་ཆེན་པོ་བྱེད་བཞིན་ཡོད་པས། དུས་ཆེན་དང་མཛད་སྒོ་ག་དུས་ཡིན་ཡང་ཁོ་ཚོའི་འཁྲབ་སྟོན་ནི་ལས་རིམ་གཙོ་བོ་ཆགས་ཀྱི་ཡོད། ལྷག་པར་༧གོང་ས་མཆོག་ཊེ་ཝན་གྲོང་ཁྱེར་ཁུལ་དུ་ཆིབས་བསྒྱུར་སྐབས། ཁོ་ཚོའི་འཁྲབ་སྟོན་ནི་ལས་རིམ་གཙོ་གྲས་ཤིག་རེད། འདས་པའི་ལོ་ཟླའི་ནང་ང་ཚོའི་སློབ་ཕྲུག་ཚོས་མི་ནི་ཡ་པཱོ་ལི་ས་སྒྱུ་སྩལ་སློབ་གྲྭ་དང་། དེ་བཞིན་མི་ནི་སོ་ཊའི་སློབ་གྲྭ་དང་མཐོ་སློབ། མེ་ཌེ་སོན་དང་ཆི་ཀ་ཀོ། ནིའུ་ཡོག སི་ཡ་ཌལ་གྲོང་ཁྱེར་བཅས་སུ་འཁྲབ་སྟོན་བྱས་མྱོང་ཡོད། ཨ་རིའི་ནང་གི་རྒྱལ་ཁབ་ཁག་གི་དུས་ཆེན་སྐབས་ང་ཚོའི་སློབ་ཕྲུག་རུ་ཁག་གིས་འཆར་ཅན་འཁྲབ་སྟོན་བྱེད་ཐུབ་ཀྱི་ཡོད་པ་དང་། ཕྱི་ལོ་༢༠༠༨ ལོའི་ཟླ་༧ པའི་མི་ཌེ་སོན་དུ་བོད་རིགས་སྤྱི་མཐུན་ཚོགས་པའི་བར་བོད་ཀྱི་རིག་གཞུང་འཁྲབ་སྟོན་འགྲན་བསྡུར་སྐབས་ང་ཚོའི་རུ་ཁག་ལ་ཨང་གཉིས་པ་ཐོབ་ཡོད།

བོད་ཀྱི་རིག་གཞུང་འཁྲབ་སྟོན་ཐོག་སྐུ་ངལ་ཚད་མེད་བསྐྱོན་མཁན་གཙོ་བོ་ནི་ཕྱི་ལོ་༡༩༩༦ ལོ་ནས་ང་ཚོའི་སློབ་གྲྭའི་ཟློས་གར་གྱི་འགན་ཁུར་མཁན་དགེ་རྒན་བསྟན་འཛིན་ངག་དབང་རེད། ཁོང་ནི་རྒྱ་གར་དུ་ཡོད་པའི་བོད་ཀྱི་ཟློས་གར་ནས་བསླབ་པ་མཐར་སོན་པ་ཞིག་ཡིན་པ་དང་། ཁོང་གི་སློབ་ཁྲིད་ཀྱི་སྩལ་དང་སློབ་ཕྲུག་ཚོ་དང་སེམས་ཐག་ཉེ་བའི་ཁྱད་ཆོས་ཀྱིས། སློབ་ཕྲུག་ཚོའི་ནང་བོད་ཀྱི་རིག་གཞུང་འཁྲབ་སྟོན་ལ་དོ་སྣང་དང་དགའ་བ་ཆེན་པོ་བསྐྲུན་ཐུབ་ཡོད། གལ་སྲིད་ཁོང་མེད་ན་ང་ཚོའི་སློབ་ཕྲུག་ཚོའི་བོད་ཀྱི་རིག་གཞུང་འཁྲབ་སྟོན་གྱི་གནས་ཚད་ཡག་པོ་ཆགས་མི་སྲིད།

 

ད་ལྟའི་ཆར་ང་ཚོའི་བོད་ཀྱི་རིག་གཞུང་འཁྲབ་སྟོན་སྲུང་སྐྱོབ་དང་གོང་སྤེལ་བྱེད་པའི་ལས་གཞི་དེར་འགྲོ་སོང་ཆེན་པོ་འགྲོ་ཡི་འདུག དེ་ཡང་འཁྲབ་ཆས་དང་རོལ་ཆ་རྣམས་རྒྱ་གར་ནས་ཆེད་དུ་མངགས་ནས་བཟོ་ཡི་ཡོད་པ་དང་ཚུར་གཏོང་གི་ཡོད། ལས་གཞི་དེའི་ཆེད་ང་ཚོ་མུ་ཐུད་ནས་ཚོགས་མི་བོད་མི་དང་བོད་མིའི་གྲོགས་པོ་རྣམས་ལ་རྟེན་བཞིན་ཡོད་ཁར། ཟློས་གར་འཛིན་གྲྭར་སློབ་ཕྲུག་མང་བ་མཉམ་ཞུགས་ཡོང་ཆེད་དུ། ཕ་མ་རྣམས་ལས་སློབ་ཡོན་ཕྱེད་ཀ་ལེན་གྱི་ཡོད།

 

ང་ཚོར་དཔལ་འབྱོར་གྱི་རྒྱབ་སྐྱོར་དགོས་ངེས་ཆེ་བའི་ལས་དོན་གསུམ་ནི།

སློབ་ཕྲུག་ལོ་༧ ནས་༡༢ བར་ཚོའི་འཁྲབ་ཆས་ཉོ་བ་དང་དབོར་འདྲེན།

རོལ་ཆ་ཉོ་བ་དང་དབོར་འདྲེན།

རོལ་ཆ་དང་འཁྲབ་ཆས་ཀྱི་གཉེར་ཁང་།

 

རིག་གཞུང་ལྷན་ཚོགས་ཀྱི་ཚོགས་མི།

འགན་འཛིན། བསོད་ནམས་ཨ་ཏི་། ༦༡༢༧༠༩༩༣༨༢

 

ཚོགས་མི།

ཚོགས་གཙོ། བཀྲ་ཤིས་ཛོ་པ། ཁ་པར་ཨང་གྲངས། ༧༦༩༢༣༩༥༢༨།

དགེ་རྒན། འོད་འབུམ། ཁ་པར་ཨང་གྲངས། །

ཚོགས་མི། བསྟན་འཛིན་ཚེ་རིང་། ཁ་པར་ཨང་གྲངས།༦༡༢༣༨༨༥༧༤༨།

པ་སངས་ཚེ་རིང་། ཁ་པར་ཨང་གྲངས། ༧༦༣༥༧༡༢༣༤༨། ༧༦༣༦༣༩༤༨༨༧།

བློ་བཟང་གནམ་རུ། ཁ་པར་ཨང་གྲངས། ༩༥༢༨༨༤༢༡༧༤།

སྐལ་བཟང་ཕུན་ཚོགས། ཁ་པར་ཨང་གྲངས། ༦༡༣༢༨༡༧༦༡༩།

བསྟན་འཛིན་ཆོས་སྐྱིད། ཁ་པར་ཨང་གྲངས། ༦༡༢༢༤༤༨༢༤༥།

བསྟན་འཛིན་དཔལ་སྐྱིད། ཁ་པར་ཨང་གྲངས། ༦༡༢༣༥༥༩༡༩༠།

བསྟན་འཛིན་ཟླ་སྒྲོན། ཁ་པར་ཨང་གྲངས། ༦༡༢༣༨༨༥༢༥༣