དང་བླངས་དཔྱ་ཁྲལ།

ཕྱི་ལོ་༡༩༧༢ ལོའི་ཟླ་༧ པའི་ཚེས་༣༠ ཉིན་རྡ་སར་བོད་རང་དབང་བདེན་པའི་ལས་འགུལ་གྱི་འགན་འཛིན་ལྷན་ཚོགས་ཀྱི་སྔོན་འགྲོའི་ཚོགས་ཆེན་འཚོགས། སྐབས་དེར་ཐག་གཅོད་གལ་ཆེ་ཤོས་ནི་ཟླ་རེར་བོད་མིའི་སྒྲིག་འཛུགས་ལ་བོད་མི་ཚོས་དང་བླངས་དཔྱ་ཁྲལ་སྤྲོད་དགོས་པའི་ཐད་བགྲོ་གླེང་དང་ཐག་གཅོད་བྱུང་བ་རེད།

ཚོགས་ཆེན་དེའི་སྐབས་བོད་མི་ཚོའི་ད་ལྟ་དང་མ་འོངས་བདེ་སྡུག་གི་ཆེད་དུ། གཞུང་སྲ་བརྟན་དགོས་རྒྱུ་ངེས་ཅན་ཡིན་པ་དང་། དེ་ཡོང་ཐབས་སུ་རྒྱུན་གཏན་གྱི་དཔལ་འབྱོར་ཡོང་ཁུངས་ཤིག་དགོས་ཀྱི་ཡོད་པས། འགན་འཛིན་ལྷན་ཚོགས་ཀྱིས་ཕྱི་ལོ་༡༩༧༢ ལོའི་ཟླ་༨ པའི་ཚེས་༡ ཉིན་ནས་ལོ་༦ ཡན་ཆད་ཀྱི་བོད་མི་ཚང་མས་གཏན་འབེབས་བྱས་པའི་ཁ་གྲངས་ལྟར། ལོ་རེར་བོད་མིའི་སྒྲིག་འཛུགས་ལ་དང་བླངས་དཔྱ་དངུལ་སྤྲོད་རྒྱུ་ཐག་གཅོད་བྱས། ལས་ཀ་ཡོད་མཁན་ཚོས་གཏན་འབེབས་བྱས་པའི་དཔྱ་དངུལ་གྱི་ཐོག་ཏུ་རང་གི་གླ་ཆ་ནས་བརྒྱ་ཆ་ཁག་ཅིག་སྣོན་མ་དཔྱ་དངུལ་ཁོངས་སུ་སྤྲོད་དགོས་པ་བཟོས། ཚོགས་ཆེན་སྐབས་ཀྱི་སྐུ་ཚབ་ཚོས་བོད་མིའི་སྒྲིག་འཛུགས་ལ་ལོ་རེར་དང་བླངས་དཔྱ་དངུལ་སྤྲོད་པ་དེས་བོད་མིའི་སྒྲིག་འཛུགས་ནི་བོད་མི་རྣམས་ཀྱི་ཁྲིམས་མཐུན་གྱི་སྐུ་ཚབ་ངོ་མ་ཡིན་པའི་རྣམ་པ་སྟོན་གྱི་ཡོད་པར་ངོས་འཛིན་བྱས།

 

ཕྱི་ལོ་༡༩༩༢ ལོའི་ཟླ་༤ པའི་ཚེས་༡ ཉིན་སྐབས་༡༡ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། ཕྱི་ལོ་༡༩༧༢ ལོའི་ཟླ་༧ པའི་ཚེས་༣༠ ཉིན་བོད་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་ཆེན་སྐབས་བཞག་པའི་གྲོས་ཆོད་ཁག་ལ་གཞི་བཞགས་ཏེ། དང་བླངས་དཔྱ་དངུལ་ཐོག་ཁྲིམས་གཏན་འབེབས་བྱས། དེ་ཡང་བཅའ་ཁྲིམས་དོན་ཚན་༡༣ ནང་དང་བླངས་དཔྱ་ཁྲལ་ཕུལ་རྒྱུ་དེ་ནི་བོད་མི་ཚང་མའི་ལས་འགན་ཡིན་པ་བཀོད་ཡོད་པ་རེད།།

 

དང་བླངས་དཔྱ་དངུལ་ལག་དེབ།

དང་བླངས་དཔྱ་དངུལ་སྤྲོད་མཁན་རྣམས་ལ་ལག་དེབ་ལྗང་ཁུ་ཞིག་སྤྲོད་ཀྱི་ཡོད། དེབ་འདི་ནི་བོད་མི་རྣམས་ཀྱིས་རང་གི་ཐོབ་ཐང་ལེན་ཆེད་དུ་ལག་དེབ་གཅིག་པུ་དེ་ཆགས་ཡོད་པ་དང་། མ་འོངས་པར་དེ་ནི་བོད་ཀྱི་མི་སེར་ཡིན་མིན་གཞི་འཛིན་ས་ཆགས་རྒྱུ་རེད། དེང་གི་ཆར་དེབ་དེ་ནི་སློབ་འཇུག་དང་སློབ་གྲྭ་དང་མཐོ་སློབ་སོགས་ཀྱི་སློབ་ཡོན་ཞུ་ཆེད། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལས་ཀ་ཞུ་ཆེད་དུ་དགོས་ངེས་ཅན་གྱི་ཡིག་ཆ་ཞིག་ཆགས་ཡོད། དང་བླངས་དཔྱ་དངུལ་སྤྲོད་དགོས་པ་དེ་ནི་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་འོས་ཤོག་གི་རང་དབང་ཐོབ་པའི་ཆ་རྐྱེན་དུ་ཆགས་ཡོད།

 

དམིགས་ཡུལ།

དང་བླངས་དཔྱ་དངུལ་སྤྲོད་པ་དེ་ནི་བོད་མི་ཚོས་བོད་མིའི་སྒྲིག་འཛུགས་དེ་ནི་བོད་མིའི་ཁྲིམས་མཐུན་སྐུ་ཚབ་ངོ་མ་ཡིན་པ་ངོས་འཛིན་བྱེད་པའི་རྣམ་སྟོན་གྱི་ཡོད་པ་དང་། བོད་མི་ཚོའི་བོད་མིའི་སྒྲིག་འཛུགས་ལ་བོད་ལ་རང་དབང་མ་ཐོབ་པར་དཔལ་འབྱོར་གྱི་རྒྱབ་སྐྱོར་ཡོད་པའི་རྣམ་པ་སྟོན་གྱི་ཡོད། དཔྱ་ཁྲལ་མ་དངུལ་དེ་ནི་བོད་མིའི་སྒྲིག་འཛུགས་ལ་ཡོང་འབབ་གལ་ཆེན་ཞིག་ཡིན་པ་དང་། དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཕན་ཐོགས་པའི་ལས་འཆར་ལ་རྒྱབ་སྐྱོར་བྱེད་ཆེད་འགྲོ་སོང་གཏོང་གི་ཡོད།

 

 དཔྱ་ཁྲལ་གྱི་རིན་འབབ།

Age Rates (Annually)
ཕྱི་ལོ་༢༠༡༤་ནས་རང་ལོ་༦ ནས་༡༧ བར་ལ་ལོ་རེར་ ཨ་སྒོར་༡༢།
སློབ་ཕྲུག་དང་ལས་མེད་རྣམས་ལ་ལོ་རེེར་ Uཨ་སྒོར་༤༦།
ལོ་ངོ་༡༨ ཡན་ཆད་དང་ལས་ཀ་ཡོད་མཁན་རྣམས་ལ་ལོ་རེར་ ཨ་སྒོར་༩༦།

 

ཕབ་ལེན་བྱེད་ཐུབ་པའི་ལམ་སྟོན་དང་འགེང་ཤོག།