༄༅། །མི་ནི་སོ་ཊ་ས་གནས་བོད་རིགས་རྣམས་པའི་སྙམ་ལམ་དུ། ཞུ་སྙིང་དུ། ལོ་ལྟར་བཞིན་འདི་ལོའང་༸གོང་ས་མཆོག་གི་འཁྲུངས་སྐར་རྣམ་དཀར་དགེ་བའི་ལས་ཞིག་གི་ངང་སྲུང་བརྩི་ཞུ་སླད་ས་གནས་ཀྱི་ཉམས་ཐག་ སྡོད་གནས་མེད་མཁན་རིགས་ལ་ཉིན་གུང་གི་བཞེས་ལག་དུས་གཅིག་རིན་མེད་ཐོག་འབུལ་རྒྱུ་ལགས་ན། ཕྱི་ཟླ་ ༧ ཚེས་ ༥ ཉིན་ཞོགས་པ་ནས་གཤམ་འཁོད་ ཁ་བྱང་ཐོག་བཞེས་ལག་བཟོ་རྒྱུ་སོགས་ཀྱི་ཆེད་དང་བླང་ཞབས་ཞུ་བ་དགོས་གལ་འདུག་པས་ཐུགས་ཁོམས་ཡོད་རིགས་ནས་ཚོགས་པའི་ཡིག་ཚང་ངམ་ རྒྱུན་ལས་ཀ་ཚེ་རིང་ལགས་སུ་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ་དང་བླང་ཞབས་ཞུ་རྣམས་པའི་ངེས་པར་དུ་མཁྱེན་དགོས་པའི་དོན་ཚན་གཉིས་ནི་གཤམ་འོག་ལྟར་ཡིན་པས་ཐུགས་ལ་བཞག་རོགས་ཞུ། ༡) ཉུང་མཐའ་རང་ལོ་༡༦ སོན་པ། ༢) དང་བླང་བའི་ཞབས་ཞུ་ས་མིག་༡༢ ཏག་ཏག་མ་གཏོགས་མེད། དེ་དོན་བཞིན་སེམས་ལ་བཞག་པའི་ཐོག་ནས་དང་བླང་བྱེད་འདོད་ཡོད་མཁན་རྣམས་པའི་སོ་སོའི་མིང། སྐྱེས་ལོ་སྐྱེས་ཚེས་དང་ཁ་པར་ཨང་གྲངས་དག་ལས་ཁུངས་སུ་འབུལ་གནང་ཡོང་བ་ཞུ་ཞུ། སྤྱི་མཐུན་ཚོགས་པའི་ཡིག་ཚང་ནས། ༢༠༡༩། ༦། ༡
འཕྲིན་གསར
ཚོགས་པའི་ཡོང་བཞིན་པའི་ལས་རིམ་ཁག་ཅིག
མི་འབོར་ཞིབ་བཤེར། བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་ཡར་ཕུལ་བའི་དུས་བཀག་ཚེས་གྲངས་དེ་ཟླ་༤ པའི་ཚེས་༢༤ བར་དུས་འགྱངས་བྱས་ཡོད་པས། མི་ནི་སོ་ཊ་དེ་ཉིད་བོད་རིགས་མང་ཤོས་ཀྱི་མངའ་སྡེ་ཞིག་ཡིན་ཡང་། གནས་སྡོད་བོད་མི་བརྒྱ་ཆ་༧༥ ཡིས་ཀྱང་མཉམ་ཞུགས་བྱས་མི་འདུག་པས། གལ་ཏེ་ཁྱེད་རྣམས་ཡོང་འབབ་དང་སྨན་བཅོས་སོགས་ཀྱི་སྐོར་གྱི་གནས་ཚུལ་འགེངས་ཤོག་ནང་བཀང་བར་བདེ་པོ་མེད་ཚེ། དེ་རིགས་སྟོང་པ་བཞག་ན་འགྲིག་གི་ཡོད། དེ་བཞིན་རྒྱུན་ལས་རྣམས་ཀྱིས་ཟླ་༣ པའི་ཚེས་༣༠། ཟླ་༤ པའི་ཚེས་༦། ཟླ་༤ པའི་ཚེས་༡༣། ཟླ་༤ པའི་ཚེས་༢༠ བཅས་རེས་གཟའ་སྤེན་པ་དེ་དག་ཉིན་སྔ་དྲོའི་ཆུ་ཚོད་༩ ནས་ཉིན་གུང་ཆུ་ཚོད་༡ པོ་བར། འདི་གའི་ལས་ཁུངས་སུ་འགེངས་ཤོག་བཀང་རོགས་གནང་རྒྱུ་ཡིན་པས། དུས་ཚོད་དེ་དག་རིང་ཁྱེད་ཅག་ལ་དང་བླངས་དཔྱ་ཁྲལ་ལག་དེབ་ཡོད་ན་དེབ་འཁྱེར་ནས་ཕེབས་རོགས་ཞུ། གློག་འཕྲིན་འདི་དང་མཉམ་དུ་དབྱིན་ཡིག་དང་བོད་ཡིག་གི་འགེངས་ཤོག་ཟུར་སྦྱར་བྱས་ཡོད་པས། ཁྱེད་རྣམ་པས་ཁྱིམ་ཚང་གི་འགེངས་ཤོག་གཅིག་དང་།
གཤམ་དུ་སླེབས་ལ་ཉེ་བའི་ལས་རིམ་ཁག་ཅིག་དང་གལ་ཆེའི་གསལ་བསྒྲགས་ཁག
༄༅། །བརྩེ་བའི་བོད་རིགས་སྤུན་ཟླ་རྣམས་ཀྱི་སྙན་ལམ་དུ་ཞུ་རྒྱུར། གཤམ་དུ་སླེབས་དང་ཉེ་བའི་ལས་རིམ་ཁག་ཅིག་དང་གལ་ཆེའི་གསལ་བསྒྲགས་ཁག་ཅིག་ཡོད་པས། ཁྱེད་ཅག་ནས་དགོངས་འཇག་ཡོད་པ་ཞུ། ༡) ཟླ་༣ པའི་ཚེས་༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༤ པར་སྤྱི་ཁང་དུ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཆེད་ཀྱི་ཞབས་རིམ་གསོག་རྒྱུ། སྐབས་དེར་ཏྲེ་ཧོར་སྐྱིད་སྡུག་ནས་སྦྱིན་བདག་གནང་རྒྱུ་ཡིན་པ་རེད།། ༢) ཟླ་༣ པའི་ཚེས་༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༤ པར་སྤྱི་ཁང་དུ། ཆབ་སྲིད་བཙོན་ཟུར་ངག་དབང་བཟང་གྲོལ་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་སྐུ་ངོས་དཀུན་དགའ་བཀྲ་ཤིས་ལགས་གཉིས་ནས། བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་༦༠ པའི་ཐོག་གསུང་བཤད་གནང་རྒྱུ།། ༣) ཟླ་༣ པའི་ཚེས་༡༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠
༧སྐུ་ཕྱའི་ཞབས་རིམ།
༄༅། །བརྩེ་བའི་མི་ནི་སོ་འི་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ་ཞུ་རྒྱུར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགུང་སྐེག་སླེབས་ལ་ཉེ་བ་དང་བསྟུན། ༧མགོན་པོ་གང་ཉིད་ཀྱི་སྐུ་ཚེར་བར་ཆད་མི་འབྱུང་ཞིང་ཐུགས་ཀྱི་ བཞེད་དགོངས་ཐ་དག་ལྷུན་གྱིས་འགྲུབ་སླད་རང་རིགས་བོད་མི་ཡོངས་ནས་སྤྱི་མཐུན་བསོད་ནམས་གསོག་སྤེལ་དགོས་གལ་ཆེ་བར་བརྟེན། ཕྱི་ལོ་༢༠༡༩ ལོའི་ཟླ་༡ པོའི་ཚེས་༥ ཉིན་བོད་རིགས་སྤྱི་མཐུན་ཚོགས་པ་ནས། སྐུ་ཚེ་ཞབས་རིམ་གསོག་སྒྲུབ་ཀྱི་ལས་དོན་ཞིག་སྤེལ་རྒྱུ་ཡིན་ལགས་པས། ཉིན་དེའི་ཆུ་ཚོད་༣།༣༠ ཐོག་རང་རེའི་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་སྐུ་ཕྱྭའི་ཞབས་རིམ་སྒྲུབ་རྒྱུར་མི་མང་ཡོངས་ནས་ གལ་ཆེ་དོན་ཆེར་དགོངས་ཏེ་ཕེབས་གནང་ཡོང་བའི་བརྡ་ཐོར། བོད་རིགས་སྤྱི་མཐུན་ཚོགས་པའི་ཡིག་ཚང་ནས། སྤྱི་ལོ་༢༠༡༩ ཟླ ༡༢ ཚེས་ ༢༩ ཉིན་ལ།།
ལོ་གསར་སྲུང་བརྩིའི་གསལ་བསྒྲགས།
ལོ་གསར་སྲུང་བརྩིའི་གསལ་བསྒྲགས། བོད་ཀྱི་ལོ་གསར་ཚེས་དང་པོ་དེ་ཕྱི་ལོ་༢༠༡༩ ཟླ་ ༢ པའི་ ཚེས་ ༥ ཉིན་ཁེལ་གྱི་ཡོད་པ་ལྟར། བོད་རིགས་སྤྱི་མཐུན་ཚོགས་པས། ཟླ་ ༢ ཚེས་༩ ཉིན་ (Union Depot) ལ་ལོ་གསར་གྱི་སྤྲོ་སྐྱིད་གོ་སྒྲིག་ཞུ་རྒྱུ་ཡིན་པ་དང་ལོ་གསར་ཚེས་པ་༣ ཉིན་སྤྱི་ཁང་དུ་ལྷ་གསོལ་གོ་སྒྲིག་ཞུ་རྒྱུ་ཡིན་པས་དེ་དོན་དགོངས་མངགས་ཡོད་པ་ཞུ་རྒྱུ་དང་། ཞིབ་ཕྲའི་ལས་རིམ་རྗེས་སུ་གསལ་བསྒྲགས་ཞུ་རྒྱུ་ཡིན་བཅས་བོད་རིགས་སྤྱི་མཐུན་ཚོགས་པའི་ཡིག་ཚང་ནས་ཟླ་༡༢ ཚེས་ ༧་ཉིན་ལ།།
བླ་སྨན་པ་མཐའ་ཡས་ལགས།
༄༅། །བརྩེ་བའི་བོད་རིགས་སྤུན་ཟླ་ཡོངས་དང་གྲོགས་པོ་རྣམས་ལ་ཞུ་རྒྱུར། དབུས་བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་རྒན་གྲས་དང་༧སྐུའི་བླ་སྨན་པ་སྨན་རམས་པ་མཐའ་ཡས་ལགས། མི་ནི་སི་ཊའི་ཁུལ་དུ་བདུན་ཕྲག་གཅིག་ཙམ་ཞུགས་རྒྱུ་རེད་འདུག་པས། ཚོགས་པས་ངོས་ནས་ཁྱེད་ཅག་གི་འཕྲོད་བསྟེན་ལ་ཁེ་ཕན་ཡོང་ཆེད་དུ། ཁོང་ལ་བསྟེན་གཏུགས་བྱེད་རྒྱུའི་དུས་ཚོད་བཟོས་ཡོད་པས། གཤམ་གྱི་བསྟེན་གཏུགས་དུས་ཚོད་རེའུ་མིག་ལ་གཟིགས་ནས་ཕེབས་གནང་ཡོང་བ་ཞུ། ཁོང་ནི་སྨན་རམས་པ་ཞིག་ཡིན་པ་མ་ཟད། སྐམ་ཁབ་ཀྱི་ཆེད་ལས་པ་ཞིག་ཡིན་པས། མི་མང་གིས་གོ་སྐབས་དམ་འཛིན་གྱིས་བསྟེན་གཏུགས་གནང་རོགས་ཞུ། བསྟེན་གཏུགས་དང་འབྲེལ་བའི་དྲི་བ་ཡོད་ཚེ། བོད་རིགས་སྤྱི་མཐུན་ཚོགས་པའི་ལས་ཁུངས་ལ་འབྲེལ་བ་གནང་རོགས། ཁ་པར་ཨང་གྲངས།་ (651) 917-9556།
༄༅། །གལ་ཆེའི་གསལ་བསྒྲགས།
ཚོགས་བརྡ། སྤྱི་མཐུན་ཚོཊ་པའི་ལས་བསྡོམས་ཚོཊ་འདུ་དང་། ཚོཊ་མིའི་དྲི་བ། བསམ་འཆར་སོཊ། ཚོགས་དུས། ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༡༡ ཚེས་ ༢༤ རེས་གཟའ་སྤེན་པའི་ཕྱི་དྲོ་ཚོུད་ ༦ ཐོག ཚོགས་ཡུལ། སྤྱི་མཐུན་ཚོགས་པའི་ཚོགས་ཁང་ལུགས་གཉིས་ཕུན་ཚོགས་ཁང་དུ། འབྲེལ་གཏུགས་བྱ་ཡུལ། རྒྱུན་ལས་སམ། སྤྱི་མཐུན་ཚོགས་པའི་ཡིག་ཚང་།
གསོལ་སྟོན་མཛད་སྒོའི་འཛིན་བྱང།
༄༅། །མི་ནི་སོ་ཊའི་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ་ཞུ་རྒྱུར། སྐུའི་གཅུང་མོ་བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་དང་ལྷན་དུ་གསོལ་སྟོན་མཛད་སྒོའི་འཛིན་བྱང་དེ་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་རྣམ་ཀྱི་དྲུང་ནས་ཉོ་རྒྱུ་ཡོད་པ་དང་། དེ་བཞིན་ལས་ཁུངས་སུ་ལས་ཁུངས་དུས་ཚོད་སྐབས་ཉོ་རྒྱུ་ཡོད། ཐུགས་ལ་བཞག་དགོས་པ་ཞིག་ལ་བཙོང་རྒྱུའི་འཛིན་བྱང་གི་ཁ་གྲངས་དེ་ཚོགས་ཁང་གི་ཤོངས་ཚད་ལ་གཞི་བཞག་ནས་ཚད་བཀག་ཡིན་པས། ཐུགས་འདོད་ཡོད་རིགས་རྣམས་ནས་སྔོན་ཚུད་ནས་ཉོས་ན་ལེགས་མཐོང་བཅས་བོད་རིགས་སྤྱི་མཐུན་ཚོགས་པའི་ཡིག་ཚང་ནས་ཟླ་༡༠ ཚེས་༢༩ ལ།།
ལྷ་བབས་དུས་ཆེན་གྱི་གསལ་བརྡ།
༄༅། །དད་དམ་ལྷག་བསམ་གྱིས་ཕྱུག་པའི་ས་གནས་སྤུན་ཟླ་ལྷན་རྒྱས་ཀྱི་སྙན་ལམ་དུ།
སྐྱེ་འགྲོ་སྤྱི་དང་ཡང་སྒོས་ཁ་བ་གངས་ཅན་པའི་བདེ་དོན་སླད་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་རྩམ་ཟན་བོད་མིའི་མགོན་སྐྱབས་ཉག་གཅིག་པུ་༸གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་གི་དབུས་རིས་སུ་མ་མཆིས་པའི་བསྟན་འཛིན་སྐྱེས་ཆེན་རྣམ་པ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང། ཕན་བདེ་མ་ལུས་པའི་འབྱུང་གནས་༸རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་རིང་གནས་ལ་ཕྱོགས་བཅུར་རྒྱས་པ།
༄༅། །༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་ཕུལ་ནས་ལོ་ངོ་༡༡ འཁོར་བའི་དུས་ཆེན་སྲུང་བརྩི།
ཚོགས་དུས། ཕྱི་ལོ་༢༠༡༨ ཟླ་༡༠ ཚེས་ ༡༤ རེས་གཟའ་ཉི་མའི་དགོང་དྲོ་ཕྱག་ཚོད་ལྔ་བའི་ཐོག ཚོགས་ཡུལ། སྤྱི་མཐུན་ཚོགས་པའི་ཚོགས་ཁང་ལུགས་གཉིས་ཕུན་ཚོགས་ཁང། མཆན། གསོལ་ཇ་བཞེས་ཏོག་འདེགས་འབུལ་ཞུ་རྒྱུ་དང་དེ་བཞིན་བཞེས་ལག་དང་ཆུ་རིགས་སོགས་བཙོང་རྒྱུ་ལགས་ན་དེ་ལུགས་དགོངས་འཇགས་ཞུ་རྒྱུ། །




