བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ནི་མི་ནི་སོ་ཊ་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པའི་ཤེས་ཡོན་གྱི་ལས་གཞི་ཡིན་པ
Programs
བོད་ཀྱི་ཟློས་གར།
བོད་ཀྱི་ཟློས་གར་འཛིན་གྲྭའི་དམིགས་ཡུལ་གཙོ་བོ་ནི་ང་ཚོའི་གཞོན་སྐྱེས་ཚོར་བོད་ཀྱི་གཞས་དང་ཞབས་བྲོའི་སྒྱུ་སྩལ་སློབ་ཆེད་ཡིན། བོད་གཞས་དང་ཞབས་བྲོ་ནི་སྒྱུ་སྩལ་གྱི་རྣམ་འགྱུར་ཞིག་ཡིན་པ་མ་ཟད། བོད་མིའི་འཚོ་བ་དང་ལོ་རྒྱུས་མཚོན་གྱི་ཡོད། མི་ནི་སོ་ཊའི་ནང་བོད་ཕྲུག་ཚོར་བོད་ཀྱི་ཟློས་གར་ནི་བོད་མིའི་རིག་གཞུང་ལ་གོ་རྟོགས་ཡོང་བའི་བརྒྱུད་ལམ་ཞིག་ཆགས་ཡོད། ད་ལྟའི་ཆར་གཟའ་མཇུག་གི་ཟློས་གར་འཛིན་གྲྭར་ལོ་ན་༧ ནས་༡༨ བར་གྱི་སློབ་ཕྲུག་སྡེ་ཚན་མི་འདྲ་བ་ལྔ་ཡོད་པ་དང་། ང་ཚོས་དངོས་སུ་དོ་སྣང་བྱུང་བ་ཞིག་ལ་རིག་གཞུང་འཁྲབ་སྟོན་ནང་མཉམ་ཞུགས་བྱེད་མཁན་སློབ་ཕྲུག་ཚོས་ཡིག་རྒྱུགས་ནང་གྲུབ་འབྲས་ཡར་རྒྱས་ཕྱིན་ནས། སློབ་ཐོན་བྱུང་བར་རམ་འདེགས་བྱེད་ཀྱི་འདུག བོད་ཀྱི་རིག་གཞུང་འཁྲབ་སྟོན་ནི་སྤྱི་མཐུན་ཚོགས་པའི་བྱེད་སྒོ་གཙོ་བོ་ཞིག་ཆགས་ནས། འདས་པའི་ལོ་ཟླའི་ནང་ཕྱི་ལོ་དགུ་བཅུ་གོ་གྲངས་ནས་སློབ་ཕྲུག་༣༠ ཙམ་ཡོད་པ་ནས་ད་ལྟའི་ཆར་རྒྱུན་གཏན་སློབ་ཕྲུག་༡༠༠ ལྷག་ཆགས་ཡོད། ཁོ་ཚོས་གཟའ་མཇུག་རྟག་ཏུ་བསྟི་གནས་ཁང་དུ་བོད་ཀྱི་གཞས་དང་ཞབས་བྲོ། རོལ་ཆ་སོགས་སྦྱོང་གི་ཡོད། ང་ཚོའི་སློབ་ཕྲུག་ཚོའི་བོད་ཀྱི་རིག་གཞུང་འཁྲབ་སྟོན་ལ་དགའ་མོས་ཆེན་པོ་བྱེད་བཞིན་ཡོད་པས། དུས་ཆེན་དང་མཛད་སྒོ་ག་དུས་ཡིན་ཡང་ཁོ་ཚོའི་འཁྲབ་སྟོན་ནི་ལས་རིམ་གཙོ་བོ་ཆགས་ཀྱི་ཡོད། ལྷག་པར་༧གོང་ས་མཆོག་ཊེ་ཝན་གྲོང་ཁྱེར་ཁུལ་དུ་ཆིབས་བསྒྱུར་སྐབས། ཁོ་ཚོའི་འཁྲབ་སྟོན་ནི་ལས་རིམ་གཙོ་གྲས་ཤིག་རེད། འདས་པའི་ལོ་ཟླའི་ནང་ང་ཚོའི་སློབ་ཕྲུག་ཚོས་མི་ནི་ཡ་པཱོ་ལི་ས་སྒྱུ་སྩལ་སློབ་གྲྭ་དང་། དེ་བཞིན་མི་ནི་སོ་ཊའི་སློབ་གྲྭ་དང་མཐོ་སློབ། མེ་ཌེ་སོན་དང་ཆི་ཀ་ཀོ། ནིའུ་ཡོག
ནང་ཆོས་གོང་སྤེལ།
མི་ནི་སོ་ཊ་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པའི་ཆོས་དོན་ལྷན་ཚོགས་ཀྱིས་བོད་མི་དང་ཨ་རིའི་ནང་པ་ཚོར་མཁོ་བའི་ལས་དོན་གལ་ཆེན་སྒྲུབ་བཞིན་ཡོད། སྤྱི་ཁང་དུ་བོད་བརྒྱུད་ནང་བསྟན་གྱི་དུས་ཆེན་ཆེ་ཁག་རྣམས་སྲུང་བརྩི་བྱེད་ཀྱི་ཡོད་ཁར། སྐབས་རེ་བོད་མི་སྒྲིག་འཛུགས་ཀྱིས་འཛམ་གླིང་གང་སར་གནས་པའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་གཞིས་སྒར་ཁག་ཏུ། ཞབས་རིམ་སོགས་སྒྲུབ་དགོས་པའི་གསལ་བརྡ་གཏོང་གི་ཡོད་པ་ལྟར། ང་ཚོའི་ཚོགས་མི་རྣམས་ཀྱིས་དེ་ལྟར་སྒྲུབ་ཀྱི་ཡོད། ༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་ཆེད་དུ་སྤྱི་མཐུན་ཚོགས་པས། བོད་རིགས་མི་མང་དང་ལྷག་པར་དུ་གཞོན་སྐྱེས་རྣམས་འགྲན་ཟླ་བྲལ་བའི་སངས་རྒྱས་ཀྱི་ཆོས་གཏིང་ཟབ་ལ་སློབ་སྦྱོང་བྱེད་པའི་འདུན་པ་སླེབས་ཆེད་དུ། ནང་ཆོས་ངོ་སྤྲོད་དང་བགྲོ་གླེང་གོ་སྒྲིག་ཞུ་བཞིན་ཡོད། ང་ཚོས་ས་གནས་ཀྱི་རྒྱུད་སྟོད་དགོན་པ་དང་མཉམ་ལས་ཀྱིས་ཞལ་འདོན་དང་ཞབས་རིམ་གྱི་ལས་དོན་གོ་སྒྲིག་ཀྱང་བྱེད་ཀྱི་ཡོད། དེའི་ཐོག་ས་གནས་ཀྱི་ཚོགས་པ་དང་མི་སྒེར་གྱིས་སྤྱི་ཁང་དུ་ནང་ཆོས་ངོ་སྤྲོད་དང་མཛད་སྒོ་གོ་སྒྲིག་བྱེད་ཀྱི་ཡོད་པ་དང་། ལས་དོན་མང་པོ་སྤེལ་བའི་ཁོངས་ནས་དམིགས་བཀར་དུ་གསལ་འདོན་བྱེད་རྒྱུར། ཕྱི་ལོ་༢༠༠༡ ལོའི་ཟླ་༥ པའི་ཚེས་༦ ནས་༨ བར་༧གོང་ས་མཆོག་ཊེ་ཝན་གྲོང་ཁྱེར་ཁུལ་དུ་ཆིབས་བསྒྱུར་བསྐྱངས་སྐབས་འབྲེལ་མཐུད་པ་བྱས་ཡོད་པ་དང་། དེ་བཞིན་ཕྱི་ལོ་༢༠༡༡ ལོའི་ཟླ་༧ པའི་ནང་༧དཔལ་ས་སྐྱ་གོང་མ་ཁྲི་འཛིན་རིན་པོ་ཆེ་ཆིབས་བསྒྱུར་བསྐྱངས་སྐབས་གོ་སྒྲིག་ཟུང་འབྲེལ་ཐོག་ནས་བྱས་ཐུབ་ཡོད། སྙན་གྲགས་དང་བྱིན་རླབས་ཆེ་བའི་ཆིབས་བསྒྱུར་དེ་རིགས་ཀྱིས། བོད་མི་ཚོའི་ནང་ཆོས་ལ་དད་པའི་མེ་ལྕེ་བསྐྱར་དུ་སྤར་ཡོད་ཁར། ཊེ་ཝན་གྲོང་ཁྱེར་ཁུལ་དུ་ནང་ཆོས་ཐད་དོ་སྣང་ཆེ་རུ་ཕྱིན་ཡོད་པ་དང་། མི་ནི་སི་ཊའི་བོད་རིགས་སྤྱི་ཚོགས་ནང་བོད་བརྒྱུད་ནང་བསྟན་གྱི་ཤེས་བྱ་རྣམས་དོ་སྣང་ཡོད་མཁན་རྣམས་ལ་མཐུན་སྦྱོར་བྱེད་ཐུབ་པའི་ནུས་པ་ཡོད་པ་རེད།
ན་གཞོན་སྐྱེད་སྲིང་།
སྤྱི་མཐུན་ཚོགས་པའི་སྡེ་ཚན་ཞིག་ནི་ན་གཞོན་དང་རྩེད་རིགས་ཡིན་པ་དང་། ཚོགས་པའི་ངོས་ནས་རྩེད་རིགས་ཀྱིས་ན་གཞོན་གྱི་ལུས་སྟོབས་རྒྱས་བ་མ་ཟད། ཕན་ཚུན་འབྲེལ་བ་དང་ན་གཞོན་གྱི་ནུས་པ་དོན་ཕན་ལྡན་པའི་རྩལ་ལ་བེད་སྤྱོད་བྱེད་ཐུབ་ཀྱི་ཡོད་པ་ངོས་འཛིན་པའི་ཐོག ཚོགས་པའི་ངོས་ནས་ས་གནས་སུ་དང་ཨ་རིའི་ནུབ་དཀྱིལ་ཆི་ཀཱ་ཀཱོ་དང་མེ་ཌི་སོན་ཀྱི་ཁུལ་དུ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་བར་གྱི་རྩེད་འགྲན་ལ། རྩེད་འགྲན་རིགས་གོ་སྒྲིག་དང་རོགས་དངུལ་གནང་ཐབས་བྱེད་ཀྱི་ཡོད། ལོ་ལྟར་༧གོང་ས་མཆོག་གི་འཁྲུངས་སྐར་དང་བསྟུན་ནས། ནུབ་དཀྱིལ་བོད་རིགས་སྤྱི་མཐུན་ཚོགས་པ་ཚོའི་བོད་རིགས་རྣམས་མཉམ་འཛོམས་ཐོག རྐང་སྤོལ་དང་སིལ་སྤོལ་སོགས་ཀྱི་རྩེད་འགྲན་བྱེད་ཀྱི་ཡོད་པས། ད་ལྟ་བར་ས་གནས་ཀྱི་ན་གཞོན་ཚོས་རྩེད་འགྲན་དེ་རིགས་ལ་དགའ་མོས་དང་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་འདུག ང་ཚོས་མུ་མཐུད་ནས་མ་འོངས་པར་ཕོ་མོ་གཉིས་ཀ་དང་ལོ་ན་འདྲ་མིན་མཉམ་ཞུགས་བྱེད་ཐུབ་རྒྱུ་ཡོད་པའི་རྩེད་འགྲན་གོ་སྒྲིག་བྱེད་རྒྱུའི་དམིགས་ཡུལ་ཡོད། རྩེད་རིགས་དང་ན་གཞོན་སྐྱེད་སྲིང་ལྷན་ཚོགས་ཀྱི་ཚོགས་མི། བཀྲ་ཤིས་རྡོ་རྗེ། ཁ་པར་ཨང་གྲངས། ༦༡༢༥༥༩༦༦༧༩། རྩེད་རིགས་ཚོགས་མི། དཀོན་མཆོག་དཔའ་ཆང། བསྟན་འཛིན་ཀུན་དགའ།
ལམ་སྟོན།
ཕྱི་ལོ་༢༠༠༨ ལོར་ཁར་ལེ་ཊོན་དང་སེན་ཌ་ཨོ་ལ་ཧྥེ་མཐོ་སློབ་ཀྱི་སློབ་མ་བདུན་གྱིས་ལམ་སྟོན་གསར་འཛུགས་གནང་། ཁོང་རྣམས་འབྲིང་རིམ་སློབ་གྲྭ་འགྲིམས་པའི་སྐབས་ལས་རིམ་དེ་རིགས་ཀྱིས་ཕན་ཐོགས་བྱུང་ནས། བོད་མིའི་སྤྱི་ཚོགས་ནང་ལས་རིམ་དེ་རིགས་དགོས་མཁོ་དང་གལ་ཆེན་མཐོང་ནས་ལས་རིམ་དེ་གསར་འཛུགས་གནང་། མི་ནི་སི་ཊའི་བོད་རིགས་སྤྱི་ཚོགས་ཁྲོད་མཐོ་རིམ་ཤེས་ཡོན་གོང་འཕེལ་གཏོང་ཆེད། ལམ་སྟོན་གྱིས་འབྲིང་རིམ་བར་མ་དང་འབྲིང་རིམ་སློབ་ཕྲུག་རྣམས་ལ་གཤམ་གྱི་གོ་སྐབས་བསྐྲུན་གྱི་ཡོད། ༡)སློབ་གྲྭའི་ཤེས་ཡོན་གྲུབ་འབྲས་གོང་མཐོར། ༢) མཐོ་སློབ་ཀྱི་སྤྱི་ཡོངས་ངོ་སྤྲོད་དང་མཐོ་སློབ་ཏུ་སློབ་འཇུག་བྱེད་སྟངས། ༣) སློབ་ཕྲུག་རྣམས་ལ་ལམ་སྟོན་དང་ཟབ་སྦྱོང་། མི་གཅིག་ལ་དམིགས་བཀར་གྱི་ལམ་སྟོན་སོགས་ཀྱི་ལས་རིམ་ལ་བརྟེན་ནས། མཐོ་སློབ་འགྲིམས་ཆེད་ཀྱི་ལམ་སྟོན་དང་རྒྱབ་སྐྱོར་སོགས་ཀྱི་མཐུན་སྦྱོར་གནང་གི་ཡོད། ལས་རིམ་དེ་ནི་བོད་མིའི་སློབ་ཕྲུག་གིས་བོད་མིའི་སློབ་ཕྲུག་གི་ཆེད་དུ་སྤེལ་བ་ཞིག་ཡིན་པས། གལ་ཏེ་ཁྱེད་རང་ལམ་སྟོན་ལ་མཉམ་ཞུགས་བྱེད་འདོད་ཡོད་ཚེ། གློག་འཕྲིན་ཁ་བྱང་LamtonMN@gmail.com འམ་LamtonMN.orgལ་འབྲེལ་བ་གནང་རོགས།
སྤྱི་ཚོགས་ཞབས་ཞུ།
ཊེ་ཝན་གྲོང་ཁྱེར་དུ་ཁུལ་དུ་བོད་མིའི་མི་འབོར་མང་དུ་འགྲོ་བཞིན་པ་དང་བསྟུན། མི་ནི་སི་ཊ་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པས་ཚོགས་མི་བོད་མི་རྣམས་ལ་དཀའ་ངལ་འཕྲད་སྐབས་རོགས་པ་བྱེད་དགོས་པ་གལ་ཆེན་ཆགས་ཀྱི་ཡོད་པ་ངོས་འཛིན་གྱི་ཡོད། བོད་མིའི་མི་ཚེར་ལྟ་ཕྱོགས་དང་རིག་གཞུང་ནི་ཨ་རིའི་མི་སེར་ཕལ་ཆེ་བ་དང་མཐུན་གྱི་མེད་པས། སྒེར་གྱི་དཀའ་ངལ་དང་སྤྱི་ཚོགས་ཀྱི་གནད་དོན་མང་པོ་བོད་མི་ཚོར་གསར་པ་དང་དེ་སྔོན་ཚོད་དཔག་བྱས་མེད་པ་རེད། ཨ་རིའི་མི་སེར་ཕལ་ཆེ་བར་ངོས་ཡོད་སྤྱི་ཚོགས་ཀྱི་སྒྲོམ་གཞི་དང་དགོས་མཁོ་སྐོང་ཐུབ་པའི་ཆ་རྐྱེན་ཡོད་ཀྱང་། བོད་མི་གནས་སྤོ་བ་རྣམས་ཀྱི་རིག་གཞུང་མི་འདྲ་བ་དང་ཡིན་པས་འགོག་རྐྱེན་མང་པོ་ཞིག་འཕྲད་བཞིན་ཡོད་པས། སྤྱི་མཐུན་ཚོགས་པས་འགོག་རྐྱེན་དང་དཀའ་ངལ་དེ་རིགས་སེལ་ཐབས་བྱེད་ཀྱི་ཡོད། ང་ཚོའི་ཚོགས་མི་ཞིག་ནད་པ་ཆགས་ནས་སྨན་ཁང་དུ་ལྷག་པ་དང། སྐབས་རེ་གྲོངས་པའི་གནས་ཚུལ་བྱུང་དུས། སྤྱི་མཐུན་ཚོགས་པས་ངོས་ནས་ནང་ཆོས་མཐུན་པའི་ཆོ་ག་དང་ཞལ་འདོན་གོ་སྒྲིག་དང་། དངུལ་གྱི་ཞལ་འདེབས་སོགས་ཀྱི་རོགས་རམ་བྱེད་གང་ཐུབ་བྱེད་ཀྱི་ཡོད། མི་སྒེར་དང་ཁྱིམ་ཚང་གི་དཀའ་ངལ་གང་འདྲ་ཞིག་ཡིན་ནའང་། ང་ཚོའི་ངོས་ནས་རོགས་རམ་གང་ཐུབ་གནང་རྒྱུའི་ཆོད་སེམས་ཡོད་པས། ཁྱེད་ཅག་གིས་ང་ཚོར་འབྲེལ་བ་གནང་རོགས་ཞུ་རྒྱུ་དང་། ཁྱེད་ཅག་གི་དཀའ་ངལ་དེ་གསང་བ་ཉར་རྒྱུའི་ཐོག་ང་ཚོས་ཁས་ལེན་བྱེད་ཆོག སྤྱི་ཚོགས་ཞབས་ཞུའི་ལས་རིམ་གཙོ་བོ་ཁག་ཅིག ལོ་རེར་མི་ནི་སོ་ཊའི་གཙུག་ལག་སློབ་གཉེར་ཁང་དང་མཉམ་ལས་ཐོག་རིན་མེད་རིམས་ནད་བཀག་འགོག་སྨན་ཁབ་རྒྱག་པ། ནང་མི་ན་བ་དང་གྲོངས་བའི་སྐབས་རོགས་པ་བྱེད་པ། ལོ་རེར་དབུལ་པོ་ཁྱིམ་མེད་རྣམས་ལ་ཞལ་ལག་སྦྱིན་པ་གཏོང་བ། སྤྱི་ཚོགས་ཞབས་ཞུའི་འགན་འཛིན། ཀ་ཚེ་རིང་། ཁ་པར་ཨང་གྲངས།

